སྨོན་ལམ་ཐེབས་རྩ་ཚོགས་པ།

ས་སྐྱ་སྨོན་ལམ་ཐོག་མ་སྐྱབས་མཆོག་དར་ཐང་མཆོག་སྤྲུལ་རིན་པོ་ཆེའི་བདག་རྐྱེན་ལ་བརྟེན་ཕྱི་ལོ་ ༡༩༩༣ ཟླ་བ་ ༣ ཚེས་ ༡-༡༥ ཉིན་བར་སྟོན་པ་སྐུ་བལྟམས་པའི་གནས་མཆོག་ལུམྦི་ནིར་ཚུགས་པ་དང། དེ་ནས་ཕྱི་ལོ་ ༡༩༩,,, ལོར་ས་སྐྱའི་གནད་ཡོད་འགན་འཛིན་ཚུད་པའི་འཛིན་སྐྱོང་ཚོགས་མི་འདུས་པའི་ཚོགས་པ་དངོས་སུ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་དང། མུ་མཐུད་ས་སྐྱའི་མ་དགོན་ཁག་རེས་མོས་ཀྱིས་སྨོན་ལམ་གོ་སྒྲིག་ཀྱི་ལས་འཁུར་ཞུས་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༡༧/༡༨ ཉིན་འགན་འཛིན་ལྷན་ཚོགས་གསར་འཛུགས་དང། ཕྱི་ལོ་ ༢༠༡༣ ཟླ་བ་ ༨ ཚེས་ ༢༨ ཉིན་རྒྱུན་ལས་གསར་པ་དངོས་སུ་འདེམས་བསྐོ་གནང་ནས་ད་ལྟའི་ཚོགས་པ་འདི་གྲུབ་ཤིང། རྒྱུན་ལས་ཀྱི་ཚོགས་གཙོ་ས་སྐྱའི་བླ་ཆེན་ཁག་ལ་རེས་མོས་ཀྱི་གསོལ་འདེབས་ཞུ་རྒྱུ་གཏན་འཁེལ་བྱུང་བ་ལས་སྐབས་དང་པོ་ཚོགས་གཙོོ་༸སྐྱབས་མགོན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེར་གསོལ་འདེབས་ཞུས་ནས་ཞལ་བཞེས་བཀའ་དྲིན་ཆེ་བ་ཡིན།

 

 

རྒྱུན་ལས།

ཚོགས་གཙོ། སྐྱབས་མགོན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ།
ཚོགས་གཞོན། བསོད་ནམས་ཆོས་རྒྱལ།
དྲུང་ཆེ། ཨ་འདུས་བླ་མ་བསོད་ནམས་རིན་ཆེན།
དྲུང་གཞོན། མཁན་པོ་འཇམ་དབྱངས་མཁྱེན་བརྩེ།
དངུལ་གཉེར། བཀྲ་རྒྱལ།
རྩིས་པ། འཇམ་དཔལ་དགའ་བ།
ཚོགས་མི། བསྟན་འཛིན་ཕུན་ཚོགས།
ངག་དགའ།
ངོར་དགོན་ནས་ཚོགས་མི་གཅིག